ང་ནི།མང་པོ་ཞིག་བྲི་རྒྱུར་མི་དགའ་ཞིང་།མང་པོ་ཞིག་བཀླག་རྒྱུར་ཡང་མི་དགའ།
Saturday, 29 October 2016
Monday, 3 October 2016
བོད་ཀྱི་ཡི་གེ་ཇི་ལྟར་འབྲི། རིག་གནས་ཇི་ལྟར་སྦྱོང་།
བོད་ཀྱི་ཡི་གེ་འབྲི་བར་བྱེད་པ་ལ།།
ལ་ལས་དག་ཆར་ངེས་པར་ཟབ་དགོས་ཟེར།།
ལ་ལས་དག་ཆ་མེད་ནའང་སྐྱོན་མེད་ཟེར།།
གཉིས་ཀའི་འདོད་པ་མང་པོ་འབྲི་དགོས་ལོ།།
ལ་ལས་དག་ཆར་ངེས་པར་ཟབ་དགོས་ཟེར།།
ལ་ལས་དག་ཆ་མེད་ནའང་སྐྱོན་མེད་ཟེར།།
གཉིས་ཀའི་འདོད་པ་མང་པོ་འབྲི་དགོས་ལོ།།
Friday, 9 September 2016
སྙན་ངག་དང་སྙན་ངག་པ།
སྙན་ངག་སྟེ།
མིའི་སེམས་ཁམས་ཀྱི་ཚོར་བ་ཤུགས་ཅན་ལས་འཁྲུངས་པ་ཡིན་ལ།
ཚོར་བ་དེ་དག་ནི་འཇིག་རྟེན་སྟེང་གི་ཚོར་བ་གསོན་པོའི་ཚོགས་རྣམས་ཡིན།
སྙན་ངག་སྟེ།
བློ་རིག་རྒོད་ཅིང་དྲན་པ་མྱུར་བའི་ཤེར་ལྡན་གྱི་ཚོགས་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ།
བློ་རིག་འཐུམས་ཤིང་ཤེས་རྒྱ་མེད་པ་རྣམས་ཀྱིས་ལོངས་སུ་སྤྱོད་མི་ནུས།
Friday, 5 August 2016
དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་གདམས་ཞེན་མེད་རྒྱལ་སྲས་ལག་ལེན།
༄༅།
།དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་གདམས་ཞེན་མེད་རྒྱལ་སྲས་ལག་ལེན་ཞེས་བྱ་བ་བཞུགས།
«རྒྱལ་སྲས་རྣམས་ཀྱིས་ལག་ལེན་དུ་བྱ་བའི་ཤེར་ཕྱིན་དངོས་བརྒྱད་དོན་བདུན་ཅུའི་ཉམས་ལེན་ཀུན་ཞེན་མེད་ཀྱི་གནད་དུ་བསྡུས་ནས་བསྟན་པའི་ཚིགས་སུ་བཅད་པ་བཅུ་གཅིག་པས་བརྒྱན་པ།»
༈ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།།
༡
ཤེས་བྱ་མཁྱེན་པ་གསུམ་གྱི་དེ་ཉིད་ཤེས།།
ཉམས་ལེན་སྦྱོར་བ་བཞིའི་ལམ་ལ་བསླབ།།
ཐོབ་བྱ་འབྲས་བུ་ཆོས་སྐུར་སྦྱོར་མཛད་པའི།།
འཕགས་བོད་མཁས་གྲུབ་རྣཾས་ལ་ཕྱག་འཚལ་ལོ།།
Subscribe to:
Posts (Atom)