Sunday 10 January 2021

ཝུ་སོབ་ཚིག་ཇ།



ཀུན་ཕན་ཟ་ཁང་ནང་དུ།།
ཝུ་སོབ་ཚིག་ཇ་བཏུངས་པ།།
ཐེངས་མ་དང་པོ་ཡིན་ལ།།
ཧ་ཅང་ཞིམ་པོ་བྱུང་སོང་།།

མཚམས་རེར་ལྟོ་ཐུན་ཐད་ལ།།
དཀའ་ངལ་འཕྲད་ན་མ་གཏོགས།།
རྒྱུན་དུ་ཟ་ཁང་ག་སར།།
རྒྱུག་པའི་གོམས་གཤིས་མེད་མོད།།

ད་རིང་ལྟེས་དབང་རྐྱེན་གྱིས།།
ལས་རོགས་བཟང་པོ་ཞིག་དང་།།
བྱ་བ་ཅུང་ཞིག་གྲུབ་འཕྲལ།།
ཇ་འདི་འཐུང་སྐལ་རྙེད་སོང་།།

ཇ་འདི་རིན་ཐང་ཅན་ཞིག།
ཡིན་རུང་མིན་རུང་གང་ལྟར།།
ཕལ་ཆེས་དགའ་དགའི་ངང་ནས།།
འཐུང་བའི་ཚིག་ཇ་དེ་ཡིན།།

དམིགས་བསལ་ཞིམ་པོ་མེད་ཀྱང་།།
འཐུང་རྒྱུར་རག་པ་ཙམ་གྱིས།།
སེམས་པ་སྤྲོ་སྤྲོའི་ངང་ནས།།
ལུས་ངལ་ཡོངས་སུ་གསོས་སོ།།

         ༢༠༢༠།༠༡།༠༣། རེས་གཟའ་ཉི་མ། 
ཕྱི་དྲོ། ༠༩:༤༥།

No comments:

Post a Comment