Friday 14 January 2022

སྔ་འགྱུར་རྙིང་མའི་བཤད་གྲྭ་རྣམས་སུ་ཐོས་བསམ་གནང་བཞིན་པའི་མདོ་སྔགས་ཀྱི་གཞུང་ཆེན་གཙོ་བོ་རྣམས་ཚིགས་བཅད་དུ་བསྡེབས་པས་ངོས་བཟུང་བ།

༈ སྔ་འགྱུར་རྙིང་མའི་ཕྱོགས་སུ་ཐོས་བསམ་གནང་བཞིན་པའི་མདོ་ཕྱོགས་ཀྱི་རྒྱ་གཞུང་དགོངས་འགྲེལ་གཙོ་བོ་རྣམ་པ་བཅུ་བདུན་གྱི་སྡོམ།

མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད་དང་།།
མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད་གཞུང་།།
རྩ་འཇུག་ཞི་སྤྱོད་ཟབ་མོ་ལྟ་བ་དང་།།
བྱམས་ཆོས་སྡེ་ལྔ་རྒྱ་ཆེན་སྤྱོད་པ་དང་།།

དབུ་མ་རྒྱན་ནི་ཟབ་རྒྱས་ཟུང་འཇུག་བཅས།།
དེ་བཅུ་ཟབ་རྒྱས་མདོ་སྡེའི་སྡེ་སྣོད་གཞུང་།།
ཚད་མདོ་རྣམ་འགྲེལ་དེ་ཉིད་བསྡུས་པ་རྣམས།།
སྡེ་སྣོད་འཇུག་པའི་སྒོར་གྱུར་རིགས་པའི་གཞུང་།།

དེ་ལྟར་མདོ་གཞུང་རྣམ་པ་བཅུ་བདུན་པོར།།
ཐེག་གསུམ་མདོ་སྡེའི་དགོངས་འགྲེལ་ཡོངས་སུ་རྫོགས།།


༈ སྔ་འགྱུར་རྙིང་མའི་ཕྱོགས་སུ་ཐོས་བསམ་གནང་བཞིན་པའི་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་དགོངས་འགྲེལ་གཞུང་ཆེན་གཙོ་བོ་རྣམ་པ་བཅུའི་སྡོམ།

ཕྱོགས་བཅུའི་མུན་སེལ་འོད་གསལ་སྙིང་པོ་དང་།།
གསང་བདག་ཞལ་ལུང་གསང་སྙིང་མཛོད་ལྡེ་དག།
ཟབ་དང་རྒྱ་ཆེའི་མ་ཧཱའི་གཞུང་ཆེན་དང་།།
མདོ་འགྲེལ་མུན་པའི་གོ་ཆ་ཞེས་བྱ་བ།།
ཨ་ནུ་ཡོ་གའི་འདུས་མདོའི་འགྲེལ་ཆེན་དང་།།

ཐེག་ཆེན་ཚུལ་འཇུག་སེམས་ཉིད་ངལ་གསོ་གཉིས།།
རྫོགས་ཆེན་ཨ་ཏི་ཡོ་གའི་དགོངས་འགྲེལ་དང་།།
བཀའ་བརྒྱད་ཡོན་མཛོད་ཡིད་བཞིན་མཛོད་ཆེན་དག།
ནང་རྒྱུད་སྤྱི་དང་ཁྱད་པར་ཨ་ཏིའི་གཞུང་།།

དེ་ལྟར་རྒྱུད་གཞུང་རྣམ་པ་བཅུ་པོ་རུ།།
བླ་མེད་རྒྱུད་སྡེའི་དགོངས་འགྲེལ་ཡོངས་སུ་རྫོགས།།

       ཞེས་པ་འདི་ནི་དོལ་ཚེ་དགས་གཟའ་སྐར་དགེ་བའི་ཉིན་སྦྱར་བ་དགེའོ།།

No comments:

Post a Comment