དཀྱིལ་འཁོར་ནི་སྔགས་རྒྱུད་སྡེ་དྲུག་པོ་ཐམས་ཅད་ཀྱི་བཀའ་བསྟན་དག་ན་གསུངས་ཡོད་པ་དང་།
དེའང་སྣོད་དག་པ་གཞལ་ཡས་ཁང་གི་ནང་དུ། བཅུད་དག་པ་ལྷ་རབ་འབྱམས་གཙོ་འཁོར་གྱི་ངོ་བོར་གནས་པ་མཚོན་པར་བྱེད་པ་ཡིན་ཞིང་།
སྤྱིར་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རང་རང་གི་རྩ་བའི་བླ་མའི་བར་བརྒྱུད་པ་གསུམ་གྱིས་རྒྱུན་མ་ཆད་པར་བརྒྱུད་པས།
ཐོག་མར་རྒྱ་བལ་སོགས་སུ་དཀྱིལ་འཁོར་བཞེངས་ཚུལ་སྣ་ཚོགས་པ་བྱུང་ཡོད་པ་ཡིན་ལ།
ཕྱིས་སུ་བོད་དུའང་རྒྱལ་པོ་སྲོང་བཙན་དང་ཁྲི་སྲོང་གི་སྐུ་རིང་ནས་དཀྱིལ་འཁོར་བཞེངས་འགོ་ཚུགས་པའི་རྐྱེན་ལས།
ད་ལྟ་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་སོ་སོའི་སྒྲུབ་སྡེ་སོ་སོར་དཀྱིལ་འཁོར་གྲངས་ལས་འདས་པ་བཞེངས་ཤིང་།
དེ་དག་གི་བཞེངས་སྲོལ་གྱི་ཕྱག་ལེན་ཇི་བཞིན་མ་ཉམས་པར་ད་བར་བཞུགས་པ་དེ་ལྟར་ཡིན།
Thursday, 21 September 2017
Monday, 18 September 2017
སྔགས་བླ་མེད་ཐེག་པའི་རིམ་གཉིས་ལམ་གྱི་རྣམ་གཞག་ལ་ཅུང་ཙམ་དཔྱད་ཁུལ་གྱིས་པ་སྔགས་གསར་བྱིས་པའི་ཀུན་རྟོག་གི་གཟེགས་མ་ཐལ་ཐུལ།
ཡེ་ཐོག་དང་པོའི་མགོན་པོ་དབྱིངས་ཡེ་དབྱེར་མེད་རིགས་ཀུན་ཁྱབ་བདག་དཔལ་མཆོག་ཀུན་བཟང་ཡབ་ཡུམ་འདུ་འབྲལ་མ་མཆིས་པའི་དཀྱིལ་འཁོར་ཆེན་པོར་ཕྱག་འཚལ་ལོ།།
དེ་ལ་འདིར་རྫོགས་པ་ཆེན་པོའི་རིམ་གཉིས་ལམ་གྱི་རྣམ་གཞག་གི་སྐོར་ལ་ཅུང་ཙམ་དཔྱད་ཁུལ་བགྱི་བ་ལ།
དེ་ཡང་[1]རྩ་རྒྱུད་ཕྱི་མ་ལས། བསྐྱེད་པའི་རིམ་པ་ཅི་ཞིག་ཡིན།
།རྫོགས་པའི་རིམ་པའང་གང་ཞིག་ལགས།
།ཞེས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་བདེ་གཤེགས་སྲས་འཁོར་དང་བཅས་པ་མ་ལུས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པ་ལྟར།
བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཀྱང་བདེ་གཤེགས་སྲས་འཁོར་དང་བཅས་པ་ལ་བཀའ་སྩལ་པ་ཇི་ལྟར་ན། [2]དེ་ཉིད་ལས།
ལྷ་ཡི་རྣམ་པའི་རྣལ་འབྱོར་ལ། །ཟླ་བ་རྡོ་རྗེ་སོགས་རིམ་པས།
།བསྐྱེད་པའི་རིམ་པ་བརྗོད་པའོ། །རང་བཞིན་གྲུབ་པ་རྫོགས་པ་ཡིས།
།རིམ་པར་བཤད་པར་རྣལ་འབྱོར་རོ། །ཞེས་བཀའ་སྩལ་དོན་ལྟར། ལར་ནས་སྔགས་གསར་གྱི་བྱིས་པ་བདག་ལྟ་བུས།
རྒྱལ་དགོངས་ཤིན་ཏུ་ཟབ་པ་བས་ཀྱང་ཟབ་པ་འདི་ལྟ་བུ་ལ།
མ་རིག་པའི་ལིང་ཏོག་གི་སྒྲོ་བཏགས་ཅི་རིགས་པས། མི་ཤེས་ཤེས་ཁུལ་བགྱི་བར་མི་འོས་ཀྱང་།
ཆོས་མཆེད་དག་ལ་ཕན་པར་འགྱུར་པའི་རེ་དོགས་གང་ཡང་མེད་ལ།
རང་ཉིད་ཀྱི་བློ་གྲོས་ཀྱི་སྒོ་མོ་ཕྱེ་བཏུབ་ན་འགྲིག་བསམ་པས། གོང་གི་གསོལ་བ་དང་བཀའ་སྩལ་གཉིས་པོ་རང་གྲོས་རང་ལ་སྡུར་བར་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་ཀྱི་དཔྱད་ཁུལ་ཞིག་བགྱི་བར་འདོད།
Subscribe to:
Posts (Atom)